དེ་རིང་ཞོགས་པར་མདོ་སྨད་བླ་བླ་
བྲང་བསང་ཆུ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༩།༤༧ ཐོག མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་ཡོད་པའི་བླ་བྲང་དགོན་པའི་གསེར་ཁང་ཆེན་མོའི་ཉེ་འགྲམ་དུ། བོད་མི་དོན་འགྲུབ་འབོད་པ་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ལ། ཅང་མ་འགོར་ཉེ་འཁོར་དུ་ཡོད་པའི་དམག་མི་དང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་བྱས་ཡོད་སྟབས། རང་ལུས་མེར་བསྲེཊ་གཏོང་མཁན་གྱི་ཞིབ་ཕྲའི་གནས་ཚུལ་ད་སྔ་ཤེས་རྟོགས་བྱུང་མི་འདུག